སྐྱོན་བརྗོད་ཀྱི་བསམ་གཞིག།

དུས་ལྟར་བརྒྱུད་འཁྲིན་མར་ཕབ་ཀྱི་  བསམ་ཞིབ་ཐོ་བཀོད་འབད་མི་དང་  སློབ་ཁང་ནང་ལུ་བློ་ལྡོག་རྣམས་བཞི་(ཀུན་བཟང་བླ་མའི་ཞལ་ལུང) ལྷབ་ནི་འདི་གིས་  ང་རའི་རྒྱུད་ལུ་  ལུས་ངག་ཡིད་གསུམ་གྱི་འགྱུར་བ་ དུམ་གྲ་ཅིག་འབྱུང་སྟེ་ཡོད་ལགས།  ཉིན་ལྟར་བཞིན་དུ་  བརྒྱུད་འཕྲིན་ལག་ལེན་འཐབ་ནི་ མར་ཐབ་འབད་མི་འདི་གིས་གཞན་ དོན་ཡོད་པའི་ལཱ་འབད་ནི་ དུས་ཚོད་མང་སུ་སྦེ་ འཐོབ་ཡོད་ལགས།  དེ་མ་ཚད་ དུས་རྒྱུན་བསམ་ཞིབ་འདི་ ཐོ་བཀོད་པའི་སྐབས་སུ་ ང་རའི་ དོན་ཡོད་པའི་ལཱ་འབད་ཚུགསཔ་ཡོདཔ་ཤེས་ཚུགསཔ་ལས་ དཔའ་རྔམ་སྦོམ་འབྱུང་མས་ལགས།


སློབ་ཁང་ནང་ལུ་ དཔེ་ཆའི་དོན་ཚན་ཚུ་ཡང་ ནང་ཆོས་ཀྱི་གཞུང་ངོ་མ་ཚུ་ཨིནམ་ལས་ སྙིང་པོ་ཡོད་པའི་ཡོན་ཏན་མ་འདྲཝ་ཚུ་ འཐོབ་ཚུགས་ཅི་ལགས། དོན་ཚན་ཚུ་ཡང་ དལ་འབྱོར་རྙིད་དཀའ་དང་ ཚེ་མི་རྟག་པ། ལས་རྒྱུ་འབྲས་དང་ འཁོར་བའི་ཉིས་དམིགས་ཚུ་སྟོད་ཡི་ལགས།  དེ་འབདཝ་ལས་   དམ་པའི་ཆོས་ལུ་ཡང་ སྔར་བ་ཡང་ལྷག་པའི་ དད་པ་དང་ཡིད་ཆེས་ཚུ་ བསྐྱེད་ཚུགས་ཅི་ལགས། ཚེ་ད་ལྟོ་འཐོབ་པའི་ མི་ལུས་རིན་པོ་ཆེ་འདི་ ཐོབ་པར་གནམ་མེད་ས་མེད་ལཱ་ཁག་ཡོད་པའི་གུ་ སྐྱེས་བའི་ཐ་མ་ འཆི་བ་ཟེར་ མི་རྟག་པའི་རང་བཞིན་ཅིག་ཨིན་པ་བརྟེན། རྒྱལ་བ་དང་དཀར་པོའི་ལཱ་ དྲོ་པ་མཆོདཔ་འཕུལ་ཏེ་ ཁ་མཐུན་ཚུ་ མ་ཆད་པར་གཏང་ནི་ལུ་ བརྩོན་པའི་བསྒང་ ཡོད་ལགས།


དེ་གུ་ལུ་ ལས་རྒྱུ་འབྲས་འདི་ རང་དང་གཅིག་ཁར་རང་ ཨིནམ་ལས། ཚེ་ད་ལྟོ་ ངན་པའི་ལཱ་འབད་བ་ཅིན་ ཚེ་ཕྱི་མ་ལུ་ ངན་སོང་གསུམ་ལུ་སྐྱེས་ནི་འདི་ རང་གིས་འབད་མི་ ལས་ཀྱི་འབྲས་བུ་ཨིནམ་འདི་ ལེགས་ཤོམ་སྦེ་ ཧ་གོ་ནི་འདི་གིས་ གཞན་ལུ་གནོད་པའི་སེམས་འདི་ སྤང་མ་ཚུགས་རུང་ ག་དེ་དྲག་དྲག་མར་ཕབ་ནི་ལུ་ བརྩོན་དོ་ལགས། དེ་མ་ཚད་ གཞན་གྱིས་ ང་ལུ་གཏམ་མ་ཧན་སླབ་རུང་ བཟོད་པ་བསྒོམ་སྟེ་ རྒྱབ་ཤུལ་རྐྱབ་ནི་ལུ་ ག་དེ་དྲག་དྲག་བརྩོན་དོ་ལགས།


ང་རང་བློ་དང་མནོ་རྒྱ་ཆུང་པའི་གུ་ ཉན་རྨོངས་པ་གིས་གང་མི་ སེམས་ཅན་གཅིག་འབདཝ་ལས་ རང་ལུ་ བཟང་པོ་ལུ་འགྱུར་ནི་ ལམ་དང་ཐབས་ཤེས་ ལེ་ཤ་སྟོན་ཡོད་རུང་ འགྱུར་བ་འདི་ཨིན་པ་ཅིན་ རྒྱ་ཆུང་བ་ཆུ་གི་ཐིག་པ་བ་ཡང་ ཉུང་སྟེ་ཡོད་ལགས། ཨིན་རུང་ ད་ལས་ཕར་ ལུས་ངག་ཡིད་གསུམ་ལུ་ བཟང་པོའི་འགྱུར་བ་འདི་ མཐའ་མེད་པ་གནམ་ཁ་ལྟ་བུ་འབྱུང་ནི་ རེ་སྨོན་དང་བཅས་ ང་རང་ཧོངས་ལས་ཡང་ ག་དེ་དྲག་དྲག་བརྩོན་ནི་ཨིན་ལགས།

Comments

Popular posts from this blog

Where Learning Lives in SCoE

Big Five Factor Personality

What I learned in Digital class about the blog