སྦྱོང་ལཱ།

 སྦྱོང་ལཱ།༼བསམ་ཞིབ་དང་པ།༽

༉   བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ ཆགས་ས་གནམ་གཤིགས་གནས་སྟངས་ཚ་དྲོད་ཡོད་སར་ཨིནམ་ལས་ གནམ་བྱྭར་ལུ་ཚདཔ་ཤུགས་ཆེཝ་ལས་ དམྱལ་བ་ལུ་ཚ་བའི་སྡུག་བསྔལ་གྱིས་བཟུམ་ སློབ་ཕྲུག་ཚུ་དཔེ་ཆ་ལྷབ་མ་ཚུགས་པར་ཡོདཔ་དང་ འཐུང་ནི་ཆུ་ཚུ་ཡང་ཉིན་ཆད་མེད་པར་ཨ་རྟག་ར་ བརྟན་ཏོག་ཏོ་ཅིག་མེདཔ་དང་ དེ་གུ་མཟའ་ནིའི་ཟས་བཅུད་ཚུ་ཡང་ ཨ་ཙི་ལེགས་ཤོམ་མེདཔ་ལས་ཡི་དྭགས་ལུ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དོ་་བཟུམ་ ཚདཔ་ཚ་པའི་ཁར་ འཐུང་ནི་ཆུ་ཡང་མེད་པར་དཔེ་ཆ་ལུ་ བརྩོན་མ་ཚུགས་པའི་དཀའ་ལ་ཡོདཔ། 

དོ་རུང་ཉིན་རེའི་སློབ་ཁང་སློབ་སྦྱོང་དུས་ཡུན་རིངམ་ཡོདཔ་ལས་ ལས་རིམ་ཚུ་ཐུམ་སྒྲིལ་ཡོདཔ་དང་ བདུན་ཕྲག་གི་ ངལ་གསོའི་སྐབས་ཨ་རྟག་ར་ ལཱ་ཚུ་འབད་དགོཔ་ལས་ དུད་འགྲོ་ལུ་སྐུལ་སྤྱོད་ཀྱི་སྡུག་བསྔལ་བཟུམ་ དཔེ་ཆ་ཚུ་ཡང་ ལེགས་ཤོམ་སྦེ་ ལྷབ་མ་ཚུགས་པར་ཡོད་།

དེ་བཟུམ་ རང་གཡུས་་མཐའ་ཟུར་ལས་སྐྱོང་འདི་འོངམ་ལས་ གཞན་དང་འདྲན་འདྲ་སྦེ་ དཔེ་ཆ་ཤེས་མ་ཚུགས་པའི་དཀའ་ངལ་ གཡུས་མཐའ་ཁོབ་ཏུ་ལུ་སྐྱེས་དོ་བཟུམ་ཀླ་ཀློག་གི་སྡུག་བསྔལ་འབྱུང་སྟེ་ཡོད།

དོ་རུང་ ཧེ་མ་སློབ་གྲྭ་ཆེ་བ་ཚུ་བཟུམ་སློབ་སྦྱོང་དུས་ཚེད་ལོག་སུ་མེདཔ་དང་ མཐོ་རིམ་སློབ་གྲྭ་ནང་ལུ་ རང་དབང་ཚུ་ མང་སུ་སྦེ་ཡོདཔ་ལས་ བདེ་བ་ལུ་འདོད་པ་ཆེཝ་ལས་ ལྷ་ཚེ་རིང་ འདོད་ཡོན་ལོངས་སྤྱོད་ལུ་ཆགས་པ་བསྐྱེད་འདི་ ཆོས་འབད་ནི་ལུ་རང་དབང་མེད་དོ་བཟུམ་ དཔེ་ཆ་ལྷབ་ལུ་ སྒྱིད་ངན་ཅན་ལུ་འགྱུར་ཏེ་ཡོདཔ་མཐོང་།

དེ་མ་ཚད་ སློབ་སྟོན་པ་ཚུ་གིས་ བསླབ་བྱ་དང་ལམ་སྟོན་ཚུ་གནངམ་ད་ ཕན་ནུས་ཧ་མ་དགོ་པར་ རང་ལུ་མ་དགའ་བར་སླབ་དོ་བཟུམ་ མཐོངམ་ལས་ དཔེ་ཆ་ལུ་སྤྲོ་མཉམ་འགྱོ་འདི་ དཔེ་ལོག་ལྟ་ཅན་ལུ་སྐྱེས་བ་ཅིན་ ཆོས་ལུ་ལོག་པར་བལྟ་སྟེ་ ཆོས་འབད་ནི་རང་དབང་མེད་དོ་བཟུམ་མྱོང་འདི་ མཇུག་ལུ་མཐར་མ་འཁྱལ་ཡོདཔ། 

འདི་བཟུམ་སྦེ་ སངས་རྒྱས་འབྱོན་རུང་ ཆོས་མ་དར་སའི་ ས་གནས་གཅིག་ནང་སྐྱེས་འདི་ ཆོས་འབད་ནི་རང་དབང་མེདཔ་ལས་ ཆོས་འབད་མ་ཚུགསཔ་བཟུམ་ སློབ་ཁང་ནང་ལུ་ སློབ་སྟོན་པ་ཚུ་འབྱོན་རུང་ རང་སློབ་ཁང་ནང་མ་འགྱོ་བར་སྡོདཔ་ལས་ དཔེ་ཆ་ལྷབ་ནི་ལུ་དཀའ་ངལ་ཡོདཔ།

ལྐུགས་པ་ཟེར་ ཆོས་དར་སའི་ས་ཁར་སྐྱེས་རུང་ ལྕོགས་གྲུབ་དང་རིག་པ་མེདཔ་ལས་ ཆོས་འབད་མ་ཚུགསཔ་བཟུམ་སྦེ་ རང་ཡང་ དཔེ་ཆ་ཚུ་སྦྱངས་ནི་གོ་སྐབས་ཡོདཔ་རུང་ བློ་རིག་ཆུང་ནི་འདི་གིས་ དཔེ་ཆ་ལྷབ་ནི་ལུ་ དཀའ་ངལ་འབྱུང་ཡོདཔ།


 

སྦྱོང་ལཱ ༼བསམ་ཞིབ་གཉིས་པ།༽

༉   བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ནང་ ཤེས་ཡོན་སྦྱང་ནིའི་དལ་བའི་མཐུན་རྐྱེན་ཚུ་བཤད་པ་ཅིན། འདི་ཡང་ བསམ་རྩེ་མཐོ་རིམ་སློབ་གྲྭ་འདི་ ས་གནས་ཚ་དྲོད་ཡོད་རུང་ བསིལ་དྲོད་དང་རླེང་གཡབ་ཚུ་ ལྡན་ཏོག་ཏོ་ཡོད་པའི་གུ། བཟའ་ནི་བཞེས་སྒོ་ཚུ་ཡང་རང་དོན་ཐོག་བླུགས་ནི་རང་དབང་ཡོདཔ་ལས་ ལེགས་ཤོམ་ཟ་ཚུགསཔ་ཡོདཔ།

དེ་མ་ཚད་ སློབ་གྲྭ་དང་འཕྱདཔ་ད་ལཱ་ཉུངམ་ཡོདཔ་དང་ སློབ་སྟོན་པ་ཚུ་ཡང་ ཐུགས་མཁས་པ་ཡོདཔ་དང་ རྒྱབ་རྟེན་དང་འབྲེལ་བའི་མཐུན་རིག་ཚུ་ཡང་ མ་ཚང་ཚངམ་ཡོདཔ་ལས་  རང་ཡང་དཔེ་ཆ་ལྷབ་ནི་ གོ་སྐབས་འཐོབ་པ་ལས་བརྟེན་ དཔེ་ཆ་ཚུ་ གང་མང་སྦྱང་ཚུགས་པས། ལཱ་འབད་ནི་ སྒྲིག་གཞི་ཚུ་དང་ལམ་ལུགས་ཡང་ འཇོན་སྟབས་ཆེཝ་འབད་བརྩམ་ཡོདཔ་ལས་ སློབ་དཔོན་ཚུ་ཡང་ སློབ་ཁང་ནང་དུས་གྱུན་ཆད་ནི་མེད་པར་ འབྱོན་དོ་ཡོདཔ་པའི་གུ་ རང་ཡང་དབང་པོ་ལུ་རྐྱེན་མེད་པ་ལས་བརྟེན་ དཔེ་ཆ་ཚུ་ ལེགས་ཤོམ་སྦེ་ ལྷབ་ཚུགས་པས།

ཤེས་ཡོན་སྦྱང་ས་ཡང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ཨིནམ་ལས་ མ་འོངས་ཤེས་ཡོན་པ་ཚུ་ལུ་སྟོན་དགོཔ་དང་ འབྱོར་བའི་མཐུན་རྐྱེན་གྱི་རྗེས་སུ་བཀོད་པ་ཅིན་ རང་ཡང་ཚེ་ཧེ་མ་ཚོགས་བསགས་ནི་འདི་གིས་ མཐོ་རིམ་སློབ་གྲྭ་འདི་ནང་ དཔེ་ཆ་ལྷབ་ནི་གོ་སྐབས་འཐོབ་ཡོདཔ། དེ་གུ་ལུ་ ཐོབ་པར་དཀའ་བའི་མིའི་ལུས་རྟེན་ དབང་པོ་ཚངམ་འཐོབ་ཚུགས་ཡོདཔ་དང་ དཔེ་ཆ་ལུ་བརྩོན་ཤུགས་བསྐྱེད་ཚུགས་བའི་ བསམ་པ་ཚུ་ དངོས་སྒྲུབ་ཐོབ་ཡོདཔལས་ དཔེ་ཆ་ལུ་བརྩོན་ཚུགས་པས།

དེ་མ་ཚད་ མཐོ་རིམ་སློབ་གྲྭ་འདི་ནང་ ཕྱི་ནང་གཉིས་ཀྱི་ སློབ་སྟོན་པ་མཁས་པ་ཚུ་འབྱོན་ཡོད་པའི་གུ་ ཤེས་ཡོན་ཚུ་ཡང་ འཇོན་སྟབས་ཆེ་ཏོག་ཏོ་སྦེ་ བཤད་དོ་ཡོདཔ་ཨིན། མཐོ་རིམ་སློབ་གྲཱ་འདི་ནང་ ཤེས་ཡོན་ཚུ་ཡང་སྤུས་ཚད་དང་ ལྡན་ཏོག་ཏོ་སྦེ་ བཙུགས་ཡོད་པའི་གུ་ སློབ་་ཚུ་སྦྱོང་པ་ཚུ་ཡང་ ཡོན་ཏན་གྱི་འབྲས་བུ་ ལོངས་སྤྱོད་དེ་ གནས་ཡོད།

འདི་འབད་ནི་གུ་ མི་ཚེ་འདི་ལུ་ག་ནི་ཡང་བརྟན་བརྟན་མེདཔ་ལས་ ག་དེམ་ཅིག་འབད་ ད་ལྟོ་གོ་སྐབས་འཐོབ་ད་ལུ་ འབད་སྤྱོད་མ་འབད་བ་ཅིན་ མ་འོངས་པ་ལུ་ དཀའ་ངལ་དང་སྡུག་བསྔལ་རྒྱ་ཆེཝ་སྦེ་ འབྱུང་ནི་ཨིནམ་དང་ ཚེ་ཕྱི་མ་དེ་བཟུམ་མའི་ རྟེན་འབྲེལ་ལུ་ གནས་མི་ཚུགས་ནི་དང་ ད་ལྟོ་ཉམས་མྱོང་དང་མཐུན་རྐྱེན་འཐོབ་དོ་བཟུམ་ འཛོམས་མི་ཚུགས་ནི་ཨིནམ་དང་ མཇུག་ལུ་ཤེས་རིག་ཡོན་ཏན་གྱི་འབྲས་བུ་ལུ་ ལོངས་སྤྱོད་མི་ཚུགས་ནི་ཨིན་མས།



སྦྱོང་ལཱ།༼བསམ་ཞིབ་གསུམ་པ།༽

༉  ཚེ་འདི་ལུ་ དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་སྟེ་ ཐོབ་པར་དཀའ་བའི་མིའི་ལུས་རྟེན་འདི་ འཐོབ་ཚུགས་ཡོདཔ་ལས་ ང་རང་ཡང་ བསྐལ་བ་བཟང་པའི་ གང་ཟག་ཅིག་ཨིན་པའི་ ཚོར་སྣང་འབྱུངམ་པའི་ཁར་ སེམས་ཁར་ལུ་ཡང་ གཞི་བདེ་ཚད་མེདཔ་འབྱུང་མས་ལགས།

དེ་འབདཝ་ལས་ ཚེ་དེའི་ཤུལ་མ་ལུ་ཡང་འགྲོ་བ་མིའི་ལུས་རྟེན་འཐོབ་ནི་དོན་ལུ་དམ་པའི་ཆོས་ལུ་ དད་པ་དང་ཡིད་ཆེས་ཚུ་ བསྐྱེད་དེ་ དཀོན་མཆོག་ལུ་མཆོད་པ་འཕུལ་ནི་དང་ ཞབས་ཏོག་ཚུ་ལུ་བརྩོན་དོ། དེ་ལས་དུས་རྒྱུན་དུ་ ཁ་མཐུན་རྒྱས་འབྱོར་ཚུ་ མ་ཆད་པར་གཏང་ནི་ཡོད། དེ་མ་ཚད་ ངལ་གསོའི་སྐབས་ཡང་ གནས་བཟང་པོ་ བླམ་རྒྱས་བ་གོངམ་ཚུ་གིས་ བྱིན་གྱིས་རླབས་གནང་ཡོད་མི་ཚུ་ མཇལ་ནི་ལུ་བརྩོན་ནི་ཡོད་ལགས།

དེ་གུ་ལུ་ ད་རེས་ཀྱི་བདུན་ཕྲག་ངལ་གསོའི་སྐབས་ལུ་ དལ་འབྱོར་ཐོབ་པའི་རྒྱུ་ དྲོ་པ་ཧ་སག་ལོང་སྟེ་ མཆོདཔ་འཕུལ་ཞིནམ་ལས་ ཁ་མཐུན་གཏང་ཡི་ལགས། དེ་ལས་ཕྱི་རུ་ ཉལ་ནི་འབདཝ་ད་ གུ་རུའི་གཟུངས་སྔགས་ བཛྲ་གུ་རུ་གྱངས་ཡི་ལགས།

Comments

Popular posts from this blog

Where Learning Lives in SCoE

Big Five Factor Personality

What I learned in Digital class about the blog