ཉིན་རེའི་བསམ་ཞིབ།

སྤྱི་ཚེས་ ༢༨/༠༢/༢༠༢༦
ད་རེས་ རྒྱུད་འཕྲིན་དཀྲོག་ནི་དུས་ཚད་མར་ཕབ་སྟེ་ འདི་ཚབ་མ་ལུ་ མཐོ་རིམ་སློབ་གྲྭ་འདི་ནང་གི་ ཆ་རོགས་ཚུ་དང་གཅིག་ཁར་ དུས་ཡུན་སྐར་ཅ་བཞི་བཅུ་གི་རིང་ལུ་ བཤལ་བར་འགྱོ་ཡི།

སྤྱི་ཚེས་ ༠༡/༠༣/༢༠༢༦

ད་རེས་ཡང་ རྒྱུད་འཕྲིན་དཀྲོག་ནི་དུས་ཚད་མར་ཕབ་སྟེ་ ཆ་རོགས་ཚུ་དང་གཅིག་ཁར་རྐང་རིལ་ རྩེད་ཡི།


སྤྱི་ཚེས་ ༠༢/༠༣/༢༠༢༦
ཉིནམ་འདི་ཁར་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདི་ཚབ་མ་ལུ་ ང་རའི་ཆ་རོགས་ ཆོས་རྒྱས་ནོར་བུ་ལས་ སྐྱ་བཏོག་ཏེ་ གཞན་མི་ཚུ་ལུ་ཡང་བཏོག་བྱིན་ཡི།

སྤྱི་ཚེས་ ༠༣/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ སློབ་ཁང་གི་ཆ་རོགས་ཚུ་དང་གཅིག་ཁར་ སློབ་ཁང་དུས་ཚོད་རྫོགསཔ་ད་ལུ་ ཁུ་རུ་རྩེད་ཡི།

སྤྱི་ཚེས་ ༠༤/༠༣/༢༠༢༦
ཉིནམ་འདི་ཁར་ ང་རང་ལས་འགུལ་ཡོད་མི་ཚུ་ ག་ར་རྫོགསཔ་སྦེ་འབད་ཡི།

སྤྱི་ཚེས་ ༠༥/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ བདུན་ཕྲག་ངལ་གསོ་གཟའ་ཟླཝ་ལུ་ ཁུ་རུ་རྩེད་ནི་དོན་ལུ་ ཆ་རོགས་ཆོས་རྒྱས་ནོར་བུ་དང་སྐལ་བཟང་རྡོེ་གཅིག་ཁར་ཁུ་རུའི་འབའ་བཟོ་སྟེ་ ཚོན་གཏང་ཡི་ལགས།

སྤྱི་ཚེས་ ༠༦/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ཨང་རྩིས་དང་དངོས་ཁམས་རིག་པ་སྦྱངས་བརྩོན་འབད་མི་ ལོ་ངོ་གཉིས་པ་ཚུ་དང་གཅིག་ཁར་ ང་བཅས་ཨང་རྩིས་དང་དངོས་ཁམས་རིག་པའི་ལོ་ངོ་དང་པ་ཚུ་ རྐང་རིལ་རྩེད་ཡི།

སྤྱི་ཚེས་ ༠༧/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བདུན་ཕྲག་ངལ་གསོ་གཟའ་ཉིམ་ཨིནམ་ལས་ མཐོ་རིམ་སློབ་གྲྭ་ནང་ན་གི་ རྩྭ་ཚུ་བཏོག་སྟེ་ མཐའ་འཁོར་ཚུ་ ཧིང་སངས་ས་བཟོ་ཡི།

སྤྱི་ཚེས་ ༠༨/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ང་བཅས་ལོ་ངོ་དང་པའི་ཆ་རོགས་དང་ལོ་ངོ་གཉིས་པའི་ཆ་རོགས་ཚུ་དང་གཅིག་ཁར་ སྔར་སྲོལ་ཡོད་པའི་རྩེདམོ་ ཁུ་རུ་འདི་མཛའ་མཐུན་དང་འབྲེལ་ ཉིནམ་གཅིག་གི་རིང་ རྕེད་ཡི།

སྤྱི་ཚེས་ ༠༩/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་ནི་གི་ཚབ་མ་ལུ་ ཁ་ཙ་ཁུ་རུ་རྕེད་ནི་འདི་གི་འུ་སྡུག་པའི་ཤུགས་ ཧ་སག་གཉིད་འགྱོ་ཡོདཔ།

སྤྱི་ཚེས་ ༡༠/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ སློབ་སྦྱོང་གི་མཐོ་རིམ་ཌི་པོ་ལོ་མ་(PDGE)གི་  ཁོང་གི་སྡེ་ཚན་གྱི་གྲོགས་པོ་སྦེ་ རྐང་རིལ་རྩེད་ཡི།

སྤྱི་ཚེས་ ༡༡/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་དཀྲོག་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ དངོས་ཁམས་རིག་པ་ཚོས་ཚན་གྱི་ སྦྱོང་ལཱ་ཚུ་འབད་ཞིནམ་ལས་ ཚ་རོགས་ཚུ་དང་གཅིག་ཁར་ བློ་སླབ་སྡོད་ཡི།

སྤྱི་ཚེས་ ༡༢/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་དཀྲོག་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ ཆ་རོགས་ཚུ་དང་གཅིག་ཁར་ ཨིས་ནུ་ཀར་རྩེད་ཡི།

སྤྱི་ཚེས་ ༡༣/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ ཆ་རོགས་ཚུ་དང་གཅིག་ཁར་ ཕྱི་རུ་གི་ཚོགས་ཟ་བར་འགྱོ་ཡི།

སྤྱི་ཚེས་ ༡༤/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ འཛིན་གྲྭའི་ཚན་ཁག་འགྲན་བསྡུར་འགོ་འདྲེན་འཐབ་ས་ལུ་ བུཚ་ཚུ་གི་བར་ན་ རྐང་རིལ་རྩེད་འགྲན་འབད་ས་བལྟ་བར་འགྱོ་ཡི།

སྤྱི་ཚེས་ ༡༥/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་དཀྲོག་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ མཐོ་རིམ་སློབ་གྲྭ་ནང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༡༦/༠༣/༢༠༢༦
ཉིནམ་ད་རེས་ཡང་ མཐོ་རིམ་སློབ་གྲྭ་ནང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༡༧/༠༣/༢༠༢༦
ཉིནམ་ད་རེས་ཡང་ མཐོ་རིམ་སློབ་གྲྭ་ནང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༡༨/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ རྐང་རྩེད་འགྲན་བསྡུར་འདི་ ཨང་རྩིས་དང་དངོས་ཁམས་རིག་པ་སྦྱངས་བརྩོན་འབད་མི་ ལོ་ངོ་གཉིས་པ་ཚུ་དང་གཅིག་ཁར་ ང་བཅས་ཨང་རྩིས་དང་དངོས་ཁམས་རིག་པའི་ལོ་ངོ་དང་པ་ཚུ་ རྐང་རིལ་རྩེད་ཡི།

སྤྱི་ཚེས་ ༡༩/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ འཛིན་གྲྭའི་ཚན་ཁག་འགྲན་བསྡུར་འགོ་འདྲེན་འཐབ་ས་ལུ་ བུཚ་ཚུ་གི་བར་ན་ རྐང་རིལ་རྩེད་འགྲན་འབད་ས་བལྟ་ཏེ་ གོམ་པ་ལུས་རྩལ་ནང་འགྱོ་ཡི།

སྤྱི་ཚེས་ ༢༠/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ད་རུང་ཡང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༢༡/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ལག་རྩེད་འགྲན་བསྡུར་འདི་ སློབ་སྦྱོང་གི་མཐོ་རིམ་ཌི་པོ་ལོ་མ་(PDGE) སྦྱངས་བརྩོན་འབད་མི་ ལོ་ངོ་གཉིས་པ་ག་སྡེ་ཚུ་དང་གཅིག་ཁར་ ང་བཅས་ཨང་རྩིས་དང་དངོས་ཁམས་རིག་པའི་ལོ་ངོ་དང་པ་ཚུ་ ལག་རིལ་རྩེད་ཡི།

སྤྱི་ཚེས་ ༢༢/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ད་རུང་ཡང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༢༣/༠༣/༢༠༢༦
ད་རེས་ཨིན་པ་ཅིན་ བརྒྱུད་འཕྲིན་ལག་ལེན་འཐབ་ནི་དུས་ཚོད་ཕབ་སྟེ་ འདིའི་ཚབ་མ་ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་གཙོ་འཛིན་ལས་ ཡོན་ཏན་དང་བཀའ་སློབ་བཟང་པོའི་ལས་རིམ་གནང་ས་ནང་ བཅའ་མར་གཏོགས་ཡི།

སྤྱི་ཚེས་ ༢༤/༠༣/༢༠༢༦
ཉིནམ་ད་རེས་ཡང་ ད་རུང་ རྐང་རྩེད་འགྲན་བསྡུར་འཐབ་ས་ལུ་ རྩེད་དཔང་(Referee) འབད་ ཡི།

སྤྱི་ཚེས་ ༢༥/༠༣/༢༠༢༦
ཉིནམ་ད་རེས་ཨིན་པ་ཅིན་ ལག་རྩེད་འགྲན་བསྡུར་འདི་ སློབ་སྦྱོང་གི་མཐོ་རིམ་ཌི་པོ་ལོ་མ་(PDGE) སྦྱངས་བརྩོན་འབད་མི་ ལོ་ངོ་གཉིས་པ་ཀ་སྡེ་ཚུ་དང་གཅིག་ཁར་ ང་བཅས་ཨང་རྩིས་དང་དངོས་ཁམས་རིག་པའི་ལོ་ངོ་དང་པ་ཚུ་ ལག་རིལ་རྩེད་ཡི།

Comments

Popular posts from this blog

Where Learning Lives in SCoE

Big Five Factor Personality

What I learned in Digital class about the blog